Tuesday, June 6, 2017

ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ལུ་བཀྲིན་དགའ་ཚོར་དང་བསྟོད་པའི་གླུ་དབྱངས།


༼ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ལུ་བཀྲིན་དགའ་ཚོར་དང་བསྟོད་པའི་གླུ་དབྱངས།༽


     ༉ ཕྱི་ཡི་མུ་ཁྱུད་གངས་ཆེན་རྣམས་ཀྱིས་སྐོར།
    འབར་ལ་པདྨའི་སྐྱིད་ཚལ་འདྲ་བའི་སར།
    ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ཆགས།
    བློ་དམན་རྣམས་ཀྱི་མུན་པ་གསལ་བར་ཤོག།


 ༉ པད་ཚལ་རོ་མངར་ཟེའུ་འབྲུ་ལྡན་པའི་སར།
 ངོམས་མེད་སྦྲང་རྩི་བཏུང་བའི་སེར་སྦྲང་འཁྱམས།
སེར་སྦྲང་ཤེས་རབ་མེ་ལྟར་འབར་བར་ཤོག།
བློ་རིག་ཡར་ངོའི་ཟླ་བཞིན་འཕེལ་བར་ཤོག།


    ༉ རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་གནས་ཕྱོགས་ན།
  ཤིང་རིགས་ཐམས་ཅད་མཆོད་པའི་ལྷ་མོ་འདྲ།
  བརྟན་ཆུ་དཀར་མོ་ཡོན་ཆབ་བཤམས་ཏེ་གིས།
  རིག་པའི་མ་མར་གསོལ་བ་བཏབ་པ་ལེགས།
མཐོ་རིམ་སློབ་གྲྭའི་སྙན་གྲགས་འབྲུག་ལྟར་ལྡིར།
སྙན་གཏམ་རྒྱལ་ཁབ་མཐའ་དབུས་མེད་པར་ཁྱབ།
ཕྱི་ནང་གཉིས་ཀའི་ཤེས་ཡོན་སྤེལ་གནང་བ།
བཀྲིས་བདེ་ལེགས་བཀའ་དྲིན་དགའ་ཚོར་ཞུ།།

                                              -  ངོ་མིངཿ མཁོ་མོཔ་ཀུན་བཟང་རྡོ་རྗེ།༼༡༠༢༣༤༢༽
                                                 གཙུག་ལགས་གཞི་རིམ་ཚོང་འབྲེལ་གཞི་རྟེན།
                      ལོ་ངོ་གསུམ་པ།། གནམ་ལོ་ ༢༠༡༧།།




Saturday, June 3, 2017

༼ཞལ་སློབ་མཚམས་པ་ཚེ་བརྟན་གྱི་ཞབས་བརྟན་གསེར་གྱི་གླིང་བུ་མ་མེས་མེས་བླ་མའི་བྱིན་གྱིས་བརླབས་པ་བཞུགས་སོ།༽

༼ཞལ་སློབ་མཚམས་པ་ཚེ་བརྟན་གྱི་ཞབས་བརྟན་གསེར་གྱི་གླིང་བུ་མ་མེས་མེས་བླ་མའི་བྱིན་གྱིས་བརླབས་པ་བཞུགས་སོ།༽

༄༅།། ། ཨོཾསྭསྟྭི༑ ཆོས་སྐུ་འོད་པ་མེད་ཀྱི་རྣམ་སྤྲུལ་ཅན། མངོན་པར་ཤེས་པའི་བླ་མ་ཨེ་མ་མཚར། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང། དམ་ཆོས་མཐར་ཕྱིན་མཛད་པ་ངོ་མཚར་ཆེ། ཀུན་བཟང་འགྱུར་མེད་ཞབས་ལ་ཕྱག་འཚལ་ལོ།། རྒྱལ་བ་དགོངས་པ་རིག་འཛིན་བརྡ་ཡི་བརྒྱུད། དྲིན་ཅན་མཁྱེན་རབ་རྒྱ་མཚོ་ཞབས་བརྟན་གསོལ། ཐུགས་བརྩེའི་འོད་ཟེར་འཛམ་གླིང་ཀུན་ལ་ཁྱབ། འགྲོ་བའི་མུན་པ་ཐམས་ཅད་གསལ་བར་ཤོག། སངས་རྒྱས་དངོས་སྤྲུལ་མི་གཟུགས་བྱོན་པ་ཅན། མཁྱེན་རབ་རྒྱ་མཚོ་སྐུ་ཚེ་བརྟན་པར་ཤོག། སྐུ་ལ་བར་རྐྱེན་སྣ་ཚོགས་མ་བྱུང་ཅིག། བླ་མའི་གསུང་ལ་འགག་པ་མེད་པར་ཤོག། ཐུགས་ནི་འཁྲུལ་བ་མེད་པར་བཞུགས་པར་ཤོག། མཁྱེན་རབ་རྒྱ་མཚོ་འགྱུར་མེད་བཞུགས་པར་ཤོག།


               - མཁོ་མོཔ་ཀུན་བཟང་རྡོ་རྗེའི་སྨོན་ལམ་བཏབ་པོའོ།།

                                              

Tuesday, May 30, 2017

མཁོ་མ ༼མཁོ་མོ༽ རྒེད་འོག་གི་ལོ་རྒྱུས་མདོར་བསྡུས།།



   མཁོ་མ ༼མཁོ་མོ༽ རྒེད་འོག་གི་ལོ་རྒྱུས་མདོར་བསྡུས།།

ལྷུན་རྩེ་རྫོང་ཁག་གི་འོག་ལུ་ཡོད་པའི་ མཁོ་མོ་རྒེད་འོག་འདི་ ལྷུ་རྩེ་ཁྲོམ་ལས་ཀི་ལོ་མི་ཀྲར་ལྔ་དེ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། འདི་ནང་གི་མི་སེར་ཚུ་ ཡོངས་གྲགས་ལུ་སྐུ་ཤུ་འཐག་རས་འཐག་སྟེ་ འཚོ་བའི་གནས་སྟངས་ཡང་ འདི་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན་མས།  མཁོ་མོ་ཟེར་བའི་ལོ་རྒྱུ་འདི་ ཨྱོན་གུ་རུ་རིན་པོ་ཆེ་གིས་ ང་ལ་མཁོ་བའི་མོ་ཞིག་འདུག་” ཟེར་གསུང་བའི་ཞལ་ཚིག་འདི་ལས་དར་ཁྱབ་འགྱོ་ནུག། དེ་ཡང་ཧེ་མ་ཨྱོན་གུ་རུ་རིན་པོ་ཆེ་མཆོག་ མཚོ་བདག་ཟེར་ད་རེས་ནང་པར་མཁོ་མའི་གནས་པོ་འབད་ཡོད་མི་འདི་ དམ་ལ་བཏགས་ནི་གིས་དོན་ལུ་གསང་བ་ཟླ་དྲུག་ཟེར་མཁོ་མའི་གཡུས་ཀྱི་བལྟག་ལུ་ཡོད་པའི་ གནས་ཀྱི་བྱག་ཕུག་འདི་ནང་ ཟླ་གྲངས་དྲུག་གསང་བའི་ངང་ལུ་སྒོམ་གནང་སྟེ་བཞུགཔ་ད་ ས་གནས་ཐེམ་སྦྲང་ཟེར་ས་གསང་བའི་ཟླ་དྲུག་གི་གཡོན་ཕྱོགས་ལུ་ཡོད་པའི་ས་གནས་འདི་ནང་ལས་ བུམོ་ལོ་ན་གཞནམོ་བཀྲིས་འཁིའུ་མགྲོན་ཟེར་མི་ཅིག་ནོར་རྫིཔ་འབད་སྡོད་པའི་སྐབས་ལུ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ཅིག་ཁར་མཇལ་ཏེ་ མོ་གིས་མཁའ་འགྲོ་ལུ་ཨོམ་དམ་སྦྱི་གང་ཕུལ་ནུག། དེ་སྒང་ མོ་ཡང་མཁའ་འགྲོ་མའི་སྣམ་སྤྲུལ་ཅིག་འོང་ནི་ཨིན་མས་ཟེར་ཐུགས་བཞེས་གནང་སྟེ་ གུ་རུ་རིན་པོ་ཆེ་བཞུགས་སར་འཁྱིཝ་ད་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ '’ང་ལ་མཁོ་བའི་མོ་ཅིག་འདུག’’ཟེར་གསུང་གནངམོ་ལས་ ད་རེས་ནང་པར་ གཡུས་ཀྱི་མིང་ལུ་མཁོ་མོ་ཟེར་སླབ་སྲོལ་ཡོདཔ་ཨིན། རྒྱུ་མཚན་འདི་འབདཝ་ལས་བརྟེན་ཏེ་ ད་ལྟོ་གི་འབར་ན་ཡང་ མཁོ་མོའི་གཡུས་ཚན་འདི་ནང་མཁའ་འགྲོ་རེ་རྒྱུན་ཆད་མེད་པར་འཁྲུང་ནི་ཡོད་ཟེར་སླབ་སྲོལ་འདུག། 
- རྒེད་འོག་འདི་ནང་ཡོད་པའི་མི་སེར་མང་ཤོས་ཀྱིས་རང་ མཁོ་མོ་ཟེར་མ་ཏོགས་མཁོ་མ་ཟེར་སླབ་གསོལ་མེད་རུང་ ཡིག་ཐོགས་ལུ་མཁོ་མ་ཟེར་ བཀོད་ཡོད་མི་འདི་རྒྱུ་མཚན་ག་ཅིག་འབད་ཨིན་ན་ཧ་གོ་མ་ཚུགས། 
                                                                      
                                                                                          མཁོ་མོཔ་ཀུན་བཟང་རྡེ་རྗེ།

༼ལྷུན་གྲུབ་རྩེའི་རྫོང་ཆེན༽



༼ལྷུན་གྲུབ་རྩེའི་རྫོང་ཆེན༽

༉ ལེགས་པའི་ལྷུན་གྲུབ་རྩེ་གི་རྫོང་ཆེན་འདི། 
ཤེས་རིགས་ཐམས་ཅད་མཆོད་པའི་ལྷ་མོ་འདྲ། 
ཆུ་ཆེན་ཆུ་ཆུང་ཡོན་ཆབ་ཕུལ་ནས་ཡོད། 
དེ་འདྲའི་ཆུ་ནི་ལུང་པ་གཞན་ན་དཀོན། 
                      
༉ དེ་ལ་བཞུགས་པའི་དབང་ཆེན་དཔོན་པོ་ལ། 
ཐུགས་ནི་བྱམས་པ་སྙིང་རྗེ་ཆེ་བ་ཅན། 
མི་སེར་ཡོངས་ལ་སྐྱིད་སྡུག་གཟིགས་ནས་ཡོད། 
ཐུགས་རྒྱུད་བཟང་པོའི་དབང་ཆེན་དཔོན་པོ་བཞུགས། 
༉ རྫོང་གི་རྩེ་མོ་གདུགས་དང་རྒྱལ་མཚན་ཏེ། 
དེ་ལ་ལེགས་པའི་ཁུ་བྱུ་ཆགས་ས་ཡིན། 
 མི་རིགས་རྣམས་ལ་སྙན་པའི་གླུ་དབྱངས་ལེན། 
 ལྷུན་རྩེའི་མི་སེར་སྐྱིད་ཉམས་ལྡན་པར་ཤོག། 
                      
                                       ༉ བར་ནི་རབ་གསལ་ཁྲ་མོ་ཡིན་པ་སྟེ། 
                                           དེ་ལ་བྱང་སེམས་དབང་ཆེན་དཔོན་པོ་བཞུགས། 
                                          ཐུགས་ཀྱིས་མི་སེར་ཡོངས་ལ་སྐྱིད་སྡུག་གཟིགས། 
                                          ལྷུན་རྩེའི་མི་སེར་དགའ་སྐྱིད་ལྡན་པར་ཤོག། 

༉ རྫོང་གི་མཐོང་སྣང་བཀྲིས་སྒོ་མང་འདྲ། 
ལེགས་པའི་རྫོང་ཆེན་ཁྲ་མོ་ཡ་མཚན་ཆེ། 
ནོར་བུའི་རི་རབ་གུར་ལུ་ཆགས་པ་ལྟར། 
རྫོང་ཆེན་མཇལ་བ་བདག་ནི་སེམས་རེ་དགའ།
  
                                               ༉ ཀུ་རི་ཆུ་མོ་ཡོན་ཆབ་བཤམ་ནས་ཡོད། 
                                                   ལེགས་པའི་སྒང་གི་ཤིང་ཆེན་མཆོད་པ་ཡིན། 
                                                   རྫོང་ནི་བྲག་གི་སྟོད་ལ་ཆགས་ནས་ཡོད་། 
                                                   བཀྲིས་གཡང་རེ་ཆགས་པའི་བརྟེན་འབྲེལ་ཡིན། 

         ༉ ལེགས་པའི་ཆུ་མོ་རྫོང་གི་རྩ་ཝ་ལས་མས། 
 དཀོན་མཆོག་ལྷ་ལུ་ཡོན་ཆབ་ཕུལ་བ་ཡིན། 
རྫོང་གི་རྩ་བ་ལྕགས་ཕུར་རྡབ་པ་དེ། 
  བསྐལ་པ་མ་སྟོང་འགྱུར་བ་མེད་པར་ཤོག 
                                                         - མཁོ་མོཔ་ཀུན་བཟང་རྡོ་རྗེ།

རྫོགས་པ་ཆེན་པོ་ཞེས་པའི་སྒྲ་བཤད།

  རྫོགས་པ་ཆེན་པོ་ཞེས་པ་ནི་ དྲི་མ་ཐམས་ཅད་དང་བྲལ་བའི་རིག་པ་གསལ་སྟོང་ཇེན་པ་འདི་རྫོགས་པ་ཆེན་པོ་ཟེར་བ་ཡིན། དེ་ཡང་ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའ...