Saturday, September 25, 2021

རྫོགས་པ་ཆེན་པོ་ཞེས་པའི་སྒྲ་བཤད།

 

རྫོགས་པ་ཆེན་པོ་ཞེས་པ་ནི་ དྲི་མ་ཐམས་ཅད་དང་བྲལ་བའི་རིག་པ་གསལ་སྟོང་ཇེན་པ་འདི་རྫོགས་པ་ཆེན་པོ་ཟེར་བ་ཡིན། དེ་ཡང་ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་གསལ་སྟོང་ཀ་དག་དབྱིངས་སུ་རྫོགས་པས་ན་རྫོགས། ཉོན་མོངས་པ་དུག་ལྔ་དུག་གསུམ་གྱི་རྟོགས་ཚོགས་ཕྲ་རགས་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་ཀྱིས་ཚར་གཅིག་ལ་བཅོམ་ཚུགས་པ་ནི་པ། དེ་ལས་ལྷག་པའི་འཁོར་བ་ལས་གྲོལ་བའི་ཐབས་གཏན་མཆོག་ཏུ་གྱུར་པ་མེད་པས་ན་ཆེན་པོ་ཟེར་བ་ཡིན། རྫོགས་པ་ཆེན་པོ་ཚུར་བསྡུ་ན་ ལྟ་བ་ཐམས་ཅད་ཀྱི་སྙིང་པོ། བསྒོམ་པ་ཐམས་ཅད་ཀྱི་རྩེ་མོ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཐེག་པ་ཐམས་ཅད་ཀྱི་ཡངས་རྩེ། ཡང་དག་པ་དོན་གྱི་ཆོས། བཀའ་རྫོགས་པ་ཆེན་པོ་ཡིན་ནོ།

No comments:

Post a Comment

རྫོགས་པ་ཆེན་པོ་ཞེས་པའི་སྒྲ་བཤད།

  རྫོགས་པ་ཆེན་པོ་ཞེས་པ་ནི་ དྲི་མ་ཐམས་ཅད་དང་བྲལ་བའི་རིག་པ་གསལ་སྟོང་ཇེན་པ་འདི་རྫོགས་པ་ཆེན་པོ་ཟེར་བ་ཡིན། དེ་ཡང་ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའ...