Tuesday, December 29, 2020

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བརྡ་མཚན་མཁོ་མོཔ་ཀུན་བཟང་རྡོེ་གིས་ཟིན་བྲིས་སུ་བཀོད་པ།

རྗེ་བཙུན་རྡོ་རྗེ་རྣལ་སྦྱོར་མ་ སྐུ་མདོག་དམར་མོ་ ཞལ་གཅིག་ཕྱག་གཉིས་ སྤྱན་གསུམ་གནམ་ཁར་གཟིགས་པ་ནི་ སྤྱི་བོར་གྱི་བླ་མའི་ཐུགས་ཀར་རིངས་པའི་ཚུལ་གྱིས་གཟིགས་པ། ཞབས་གར་སྟབས་སུ་བཞུགས་པ་ལ་ ཞབས་གཡས་སྐུམ་བཏིང་པའི་བྷ་གར་མནན་པ་ནི་སྲིད་པ་ན་མ་འཁྲུལ་པའི་བརྡ། ཞབས་གཡོན་བརྐྱང་ནས་བམ་རོའི་སྙིང་ཁར་མནན་པ་ནི་ཞི་བར་མ་གནས་པའི་བརྡ། ཞལ་གཅིག་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་འཁྱིལ་བའི་བརྡ། སྤྱན་གསུམ་ནི་དུས་འདས་པ་མ་འོངས་ད་ལྟ་མངོན་གསུམ་དུ་གཟིགས་པའི་བརྡ། མཆེ་བ་བཞི་ཅུང་ཟད་གཙིགས་པ་ནི་བདུད་བཞི་འཇོམས་པའི་བརྡ། མི་མགོ་སྐམ་པོ་ལྔའི་དབུ་ལ་བརྒྱན་པ་ནི། ཡེེས་ལྔའི་བརྡ། དེའི་སྟེང་དུ་རྩེ་ཕྲན་ལྔ་ནི། དུག་ལྔ་མ་སྤང་སྐུ་ལྔ་ལྷུན་གྱི་གྲུབ་པའི་བརྡ།
ཕྱག་གཡས་གྲི་གུག་ནམ་མཁའི་མཐོང་སུ་འཕྱར་བ་ནི་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱི་རྟོགས་ཚོགས་ཐམས་ཅད་རྩེ་ནས་གཅོད་པའི་བརྡ། ཕྱག་གཡོན་ཀ་པཱ་ལ་ཐུགས་ཀར་དུ་བསྣམས་པ་ནི། ཀ་ནི་ཆོས་སྐུ་ པཱ་ནི་ལོངས་སྐུ་ ལ་ནི་སྤྲུལ་སྐུ། ཕྱི་དཀར་ལ་ནི་ཐབས་བདེ་བ་ཆེན་པོའི་བརྡ། ནང་དམར་བ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་བརྡ། དེའི་ནང་དུ་འཁོར་བར་སྐྱེ་བའི་རྒྱུ་བུད་མེད་ཀྱི་མངལ་ཁྲག་ཟག་མེད་ཀྱི་བདུད་རྩི་དུ་གྱུར་ནས་ཞལ་དུ་གསོལ་བ་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་རྩེ་ནས་གཅོད་པའི་བརྡ། རུས་པའི་རྩིབ་བཅུའི་དབུ་སྐྲ་ཕྱེད་སྐུ་རྒྱབ་ཏུ་ཤབ་ཀི་ཡོད་པ་ནི་ངན་སོང་གི་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་གནས་སུ་དྲངས་པའི་བརྡ། རུས་པའི་རྩིབ་བཅུའི་ཐོག་ཏུ་ནོར་བུ་སྔོན་པོ་རྟོག་གཅིག་ཡོད་པ་ནི་ ཞི་བ་རྣམས་ཀྱི་མོ་ མོ་ལྷ་ཡིན་པས་གཙུགས་གཏོར་ཡོངས་བའི་དོན་མེད་ཟེར་ནས་ཁ་བཏང་བས་ ཞི་བ་ཚོགས་ཀྱི་མི་མཐོང་བའི་ཕྱིར་དུ་དབུ་སྐྲ་མཐོ་བརྩེགས་གསུམ་བཅིངས་ནས་སྦས། དོན་དུ་མོ་རང་གི་རྩ་བའི་བླ་མ་རིགས་བདག་སྣ་བ་མཐའ་ཡས་འདུ་འབྲལ་མེད་པ་སྤྱི་གཙུག་ཏུ་བསྒོམ་པའི་བརྡ། མཆན་ཁུང་གཡོན་ན་རྡོ་རྗེ་རྩེ་གསུམ་པ་ནི་ ཡབ་ཧེ་རུ་ཀ་སྦས་པའི་བརྡ། དེའི་འོག་ན་མི་མགོ་སྐམ་པོ་བརླན་པ་རྙིང་པ་གསུམ་ནི་ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་བརྡ། དེའི་འོག་ན་གསེར་གྱི་བུམ་པ་ནི་ བདུད་རྩི་དཀར་དམར་ནང་དུ་བལྟམས་པའི་བརྡ། དེའི་འོག་ན་གསེར་གྱི་རྡོ་རྗེ་རྒྱ་འགྲམ་ནི་བདུད་རྩི་དཀར་དམར་ཕྱིར་མི་འཛག་པའི་བརྡ། དེའི་འོག་ན་དར་ཚོན་སྣ་ལྔའི་གཅོད་པཎ་དྲིལ་གཡེར་་གཡེར་ཆུང་དང་བཅས་པ་ནི་ རྡོེ་རྣལ་སྦྱོར་མའི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་དབང་དུ་བསྡུད་པའི་བརྡ། མི་མགོ་རློན་པ་ལྔ་བཅུ་རྩ་གཅིག་གི་རྡོ་ཤལ་རྒྱན་པ་ནི་ བདུད་རྒྱལ་ལྔ་བཅུ་རྩ་གཅིག་བཅོམ་པའི་བརྡ། མགུལ་རྒྱན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བརྡ། དཔུང་རྒྱན་ནི་ཚུལ་ཁྱིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྡ། སྙན་རྒྱན་ནི་བཟོར་པའི་ཕ་རོལ་ཏུ་ཕྱིན་པའི་བརྡ། རུས་པའི་རྩིབ་བཅུ་ནི་རྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྡ། རས་པའི་སྐེད་ར་དྲྭ་དྲྭ་ཕྱེད་དང་བཅས་པ་ནི་བསམ་ཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བརྡ། རྡོེ་རྣལ་སྦྱོར་མ་སྐུ་མདོག་དམརམོ་བྱི་རུའི་མདོག་ལྟ་བུ་འགྱུར་བ་མེད་པ་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྡ། ཡེ་ཤེས་ཀྱི་མེ་རབ་ཏུ་བར་བའི་དབུས་ན་བཞུགས་པ་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་བསྲེག་པའི་བརྡ་ཡིན་ནོ།

སྙིང་ཐིག་ཡིད་བཞིན་ནོར་ལས་ དངོས་གཞིའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བརྡ་མཚན་མཁོ་མོཔ་ཀུན་བཟང་རྡོེ་གིས་ཟིན་བྲིས་སུ་བཀོད་པ་རྫོགས་སོ།

རྫོགས་པ་ཆེན་པོ་ཞེས་པའི་སྒྲ་བཤད།

  རྫོགས་པ་ཆེན་པོ་ཞེས་པ་ནི་ དྲི་མ་ཐམས་ཅད་དང་བྲལ་བའི་རིག་པ་གསལ་སྟོང་ཇེན་པ་འདི་རྫོགས་པ་ཆེན་པོ་ཟེར་བ་ཡིན། དེ་ཡང་ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའ...